རྫོང་ཁག་མཐའ་འཁོར་གནས་སྟངས་ལས་ཚན་གྱི་བཅུད་བསྡུས་ལོ་རྒྱུས།
འཆར་སྣང་།
-
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དགོངས་དོན་ཚུ་བསྒྲུབ་ཐབས་ལུ་ ད་རེས་དང་མ་འོངས་པའི་མི་རབས་ཚུ་གི་དོན་ལུ་ རང་བཞིན་མཐའ་སྐོར་གནས་ ལེགས་ཤོམ་དང་ཡུན་བརྟན་སྦེ་བཞག་ནི།
དམིགས་སྐྱེད།
-
མཐའ་འཁོར་གནས་སྟངས་དང་འབྲེལ་བའི་གནད་དོན་ཆ་མཉམ་གྱི་ཕན་གནོད་ཚུ་ ཚད་འཛིན་འབད་ནི་དང་། ཡུན་བརྟན་གྱི་མཐའ་འཁོར་གནས་སྟངས་གོང་འཕེལ་གཏང་ནིའི་དོན་ལུ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་འོག་ལུ་ རང་དབང་གི་འདུས་ཚོགས་ཅིག་སྦེ་ རྫོང་ཁག་མཐའ་འཁོར་གནས་སྟངས་ཚོགས་ཆུང་གི་ཐོག་ལས་ལྕོགས་གྲུབ་ལྡན་པའི་དབང་འཛིན་གཅིག་སྦེ་ མཐའ་འཁོར་གནས་སྟངས་ཉམས་སྲུང་དང་སྲུང་སྐྱོབ་འབད་ནི།
འགན་དབང༌།
-
རྫོང་ཁག་མཐའ་འཁོར་གནས་སྟངས་ཚོགས་ཆུང་འདི་ རྫོང་ཁག་གི་གནས་ཚད་ཁར་ རང་བཞིན་མཐའ་འཁོར་གནས་སྟངས་སྲུང་སྐྱོབ་དང།ཉམས་སྲུང་། ཡར་དྲག་དང་འབྲེལ་བའི་གནད་དོན་ཆ་མཉམ་གྱི་གྲོས་ཐག་གཅད་མི་དང་འགོ་འདྲེན་འཐབ་མིའི་ལྕོགས་གྲུབ་ཅན་གྱི་འདུས་ཚོགས་ཅིག་ཨིན།
རྫོང་ཁག་མཐའ་འཁོར་གནས་སྟངས་ཚོགས་ཆུང་གི་འགན་དབང་ཚུ་ཡང་།
-
མཐའ་འཁོར་གནས་སྟངས་བརྟག་ཞིབ་བཅའ་ཁྲིམས་ ༢༠༠༠ ཅན་མ་དང་། དེའི་ཁྲིམས་ལུགས་ཀྱི་དགོངས་དོན་ཚུ་འཛིན་སྐྱོང་འཐབ་ནི།
-
ལྕོགས་གྲུབ་ལྡན་པའི་དབང་འཛིན་གྱིས་ མཐའ་འཁོར་གནས་སྟངས་ཀྱི་ཉོག་མེད་ལག་ཁྱེར་ ཞིབ་དཔྱད་འབད་མི་དང་། སྤྲོད་མི་གི་ལས་སྣའི་ཐོ་ཚུ་དང་འཁྲིལ་ཏེ་ མཐའ་འཁོར་གནས་སྟངས་ཀྱི་ཉོག་མེད་ལག་ཁྱེར་ཚུ་ ཞིབ་དཔྱད་འབད་ནི་དང་། བསྐྱར་ཞིབ་འབད་ནི། བཟོ་ནི།