བདག་སྐྱོང་།

འཆར་སྣང་།

ང་བཅས་ཀྱིས་ ལས་ཁུངས་ག་རའི་འཛིན་སྐྱོང་དང་གཅིག་ཁར་ འབྲེལ་བ་བཟོ་སྟེ་ ལས་གཡོགཔ་ཆ་མཉམ་ལུ་བརྩི་མཐོང་ཡོད་པའི་གཞིས་ཁོངས་ལམ་ལུགས་ཅིག་བཟོ་ནིའི་རེ་འདོད་བསྐྱེདཔ་ཨིན། ལམ་ལུགས་འདི་གིས་ དམིགས་བསལ་གྱི་ལཱ་ཤུལ་དང་འཕྲོ་མཐུད་ཡར་དྲག་ལུ་ སེམས་ཤུགས་བྱིན་ནི་དང་དགའ་ཚོར་བསྐྱེད་ནི། སྡེ་ལཱ་གི་སེམས་ཤུགས་བྱིན་ནི། ལཱ་དང་རང་སོའི་མི་ཚེ་གི་དཀའ་ངལ་ཚུ་ནང་ ཚད་མཉམ་སྦེ་བརྩི་འཇོག་འབད་ནི་ལུ་རྒྱབ་སྐྱོར་འབདཝ་ཨིན། ང་བཅས་ཀྱིས་ ལཱ་ཚུ་ རིན་ཆུང་ཕན་ནུས་ཀྱི་ཐོག་ལས་ སྤུས་ཚད་དང་ལྡནམ་སྦེ་འབད་བའི་ཁར་ ཁྱད་རིག་གི་གནས་སྟངས་ལེགས་ཤོམ་ཅིག་བཟོ་ཐོག་ལས་ ལཱ་ལུ་གཙོ་བོར་བཏོན་པ་གིས་མ་ཚད་ དེ་ལས་ལྷག་པའི་གནས་སྟངས་སྣ་ཚོགས་ཀྱི་ནང་ གུས་ཞབས་ཚུ་གཙོ་བོར་བཏོནམ་ཨིན།

དམིགས་སྐྱེད།

མི་སྟོབས་ལས་ཁུངས་ཀྱི་དམིགས་སྐྱེད་འདི་ རྫོང་ཁག་དང་དེའི་ལས་གཡོགཔ་ལུ་ཕན་ཁུངས་ཡོད་པའི་ལས་རིམ་དང་བྱ་སྒོའི་རིམ་པ་ཚུ་བཟོ་ནི་དང་། ལག་ལེན་འཐབ་ནི། རྒྱབ་སྐྱོར་འབད་དེ་ ལས་གཡོགཔ་ཚུ་གི་ཕན་བདེ་དང་། དབང་ཆ། ཡར་སྐྱེད། གཏན་བཞག་ཚུ་ཡར་དྲག་བཏང་པའི་གུར་ རྫོང་ཁག་གི་དམིགས་གཏད་གཙོ་བོ་དང་། འདི་གི་འཛིན་སྐྱོང་། དེ་ལས་ཚོང་མགྲོན་པ་དང། ལས་གཡོགཔ། འབྲེལ་ཡོད་ལས་སྡེ་གཞན་ཚུ་གི་གོང་འཕེལ་ཚུ་ལུ་དམ་ཚིག་བསྟེན་ནི་འདི་ཨིན།

དམིགས་དོན།

  • ལྕོགས་གྲུབ་ཅན་དང་ སེམས་ཤུགས་ལྡན་པའི་ལས་གཡོགཔ་ཚུ་བཙུགས་ཐོག་ལས་ ལས་སྡེའི་དམིགས་ཡུལ་ཚུ་ དོན་སྨིན་ཅན་དང་འཇོན་ཐང་ཅན་སྦེ་བསྒྲུབ་ནི་ལུ་ཆ་རོགས་འབད་ནི།
  • མི་སྟོབས་ཡོད་མི་ཚུ་ དོན་སྨིན་ཅན་སྦེ་གཡོག་བཀོལ་ནི།
  • ལས་གཡོག་པའི་ལཱ་གི་བསམ་པ་རྫོགས་ནི་དང་རང་གཤིས་ལྕོགས་གྲུབ་ལག་ལེན་འདི་ ག་དེ་དྲག་དྲག་ཡར་སེང་རྐྱབ་ནི།
  • ་ལས་སྡེའི་ལཱ་གཡོག་འདི་ རང་དང་མི་སྡེའི་གནས་སྟངས་ལུ་ བློ་ཁར་འབབ་ཏོག་ཏོ་ཅིག་བཟོ་ནིའི་དོན་ལུ་ མི་ཚེའི་ལཱ་གི་སྤུས་ཚད་གོང་འཕེལ་གཏང་ནི་དང་འཛིན་སྐྱོང་འཐབ་ནི།
  • ་ལས་སྡེ་ཕྱི་ནང་གཉིས་ཆ་རའི་ སྲིད་བྱུས་དང་ སྒྲིག་ཁྲིམས་ཚུ་བཟང་སྤྱོད་དང་ལྡནམ་སྦེ་བཟོ་ནི་ལུ་ཆ་རོགས་འབད་ནི།
  • ་ལས་གཡོགཔ་དང་འཛིན་སྐྱོང་གི་བར་ན་ མཐུན་འབྲེལ་བཟོ་ནི་དང་འཛིན་སྐྱོང་འབད་ནི།
  • ་རང་རྐྱང་/སྡེ་ཚན་གྱི་དམིགས་ཡུལ་ཚུ་ ལས་སྡེའི་དམིགས་ཡུལ་དང་རྟགས་མཐུནམ་སྦེ་བཟོ་ནི།