འཆར་སྣང་།
- ལམ་སྲོལ་གྱི་སྲོལ་རྒྱུན་སྣ་ཚོགས་དང་ འདིའི་བརྩི་མཐོང་ཚུ་ ཉམས་སྲུང་འབད་ནི་དང་། རྒྱུན་སྐྱོང་འབད་ནི། གོང་འཕེལ་གཏང་ནིའི་ནང་ ཁྱད་འཕགས་ཅན་གྱི་རྫོང་ཁག།
དམིགས་སྐྱེད།
- དབང་འདུས་རྫོང་ཁག་ནང་ཡོད་པའི་གནའ་ཤུལ་བརྟག་ཞིབ་ས་ཁོངས་ཚུ་ ཉམས་སྲུང་དང་། ཉེན་སྐྱོབ། ངོས་འཛིན་འབད་དེ་ བཤད་པ་རྐྱབ་ནི་དང་། བྱུང་རབས་ཚུ་བསྡུ་སྒྲིག་འབད་དེ་ བཟོ་རིག་དང་ལག་བཟོ་ཚུ་གོང་འཕེལ་གཏང་ནི།
ལཱ་འགན།
- ཚེས་བཅུ་བརྩིས་པའི་སྔར་སྲོལ་གྱི་རྩལ་རིག་ཚུ་ ཡར་རྒྱས་དང་གོང་འཕེལ་གཏང་ནི།
- སྲོལ་རྒྱུན་ས་ཁོངས་ཚུ་གི་གལ་གནད་ཀྱི་སྐོར་ལས་ མི་སྡེ་ཚུ་ལུ་གོ་བརྡ་སྤེལ་ནི།
- ༣་ལམ་སྲོལ་དང་རྒྱལ་རབས་དང་འབྲེལ་བའི་བཟོ་བཀོད་དང་ས་ཁོངས་ཚུ་ ཉམས་སྲུང་གི་དོན་ལུ་ མཐུན་རྐྱེན་ཚུ་བྱིན་ནི།
- རྫོང་ཁག་གི་མངའ་འོག་གི་འཆམ་དང་ཞབས་ཁྲའི་སྦྱོང་བརྡར་འགོ་འདྲེན་འཐབ་ནི།
- དགོན་སྡེ་ཁག་གི་དཀོན་གཉེར་ཚུ་གི་བར་ན་ ཅ་ཆས་རྩིས་སྤྲོད་ལེན་ཚུ་འགོ་འདྲེན་འཐབ་ནི།
- མཆོད་རྟེན་དང་ལྷ་ཁང་འབྱང་སྟོར་གྱི་སྐོར་ལས་ ཞིབ་དཔྱད་འབད་ནི་དང་། ཐོ་བཀོད་འབད་ནི། གཞུང་ལུ་སྙན་ཞུ་འབད་ནི།
- རྫོང་ཁག་གི་མངའ་འོག་ལུ་ཡོད་པའི་ལྷ་ཁང་དང་མཆོད་རྟེན་གསར་བཞེངས་དང་ཉམས་གསོ་ཞུ་ནིའི་འཆར་གཞི་བརྩམ་ནི།
- སྔར་སྲོལ་ཅ་ཆས་ཚུ་གི་དངོས་ཆས་ཐོ་གཞུང༌རྒྱུན་སྐྱོང་འཐབ་ནི།
- སྲོལ་ཁྱུན་ས་ཁོངས་ཚུ་གི་ཞིབ་འཚོལ་དང་ཡིག་ཐོག་ཐོ་བཀོད་འབད་ནི།
- སློབ་གྲྭ་དང་གཙུག་སྡེ་ཁག་ཚུ་ནང་ལུ་ སྒྲིག་ལམ་རྣམ་གཞག་གི་སྦྱོང་བརྡར་འགོ་འདྲེན་འཐབ་ནི།
- བཅའ་སྒྲིག་ལ་སོགས་པའི་མགྲོན་སྐྱོང་གི་ཞབས་ཏོག་གཞན་ཚུ་བྱིན་ནི།
- རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ངོ་ཚབ་འགོ་དཔོན་འབད་ནི།