ཁྲིམས་ལྡན་འགོ་དཔོན་གྱི་བཅུད་བསྡུས་ལོ་རྒྱུས་དང་ལས་སྣ།
- རྫོང་ཁག་གི་གཡོག་སྡེ་ཁག་གི་དྲི་དཔྱད་དང་། སྒྲིག་གཞི། ལུགས་སྲོལ་ཚུ་དང་འབྲེལ་བའི་ཁྲིམས་ཀྱི་ཞབས་ཏོག་ཚུ་བྱིན་ནི། ཡང་ན་ རྫོང་བདག་གི་བཀའ་རྒྱ་དང་འཁྲིལ་ ཁྲིམས་ཀྱི་མངའ་འོག་ལུ་ཚུད་པའི་གནད་དོན་གཞན་ཚུ་དང་འབྲེལ་བའི་ཞབས་ཏོག་ཕུལ་ནི།
- རྫོང་ཁག་བདག་སྐྱོང་ལུ་ ཁྲིམས། ཡང་ན་ ནང་ཁྲིམས་ཚུ་ཟིན་བྲིས་བཏབ་ནིའི་ནང་ ཆ་རོགས་འབད་ནི།
- རྫོང་བདག་གི་བཀའ་རྒྱ་དང་འཁྲིལ་ རྫོང་ཁག་བདག་སྐྱོང་དང་། རྫོང་ཁག་ཚོགས་འདུ། རྒེད་འོག་ཚོགས་སྡེ་དང་། གཞུང་གི་ཡིག་ཚང་གཞན་ཚུ་ལུ་ ཁྲིམས་ལུགས་ཀྱི་སྐོར་ལས་བསླབ་བྱ་བྱིན་ནི།
- རྫོང་བདག་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གཅིག་ཁར་གྲོས་སྟོན་གྱི་ཐོག་ལས་དང། ཡང་ན་ ཁོང་གི་བཀའ་སློབ་དང་འཁྲིལ་ རྫོང་ཁག་འདི་ནང་ཁྲིམས་ཀྱི་གོ་བརྡ་སྤྲོད་ནིའི་དོན་ལུ་ ཁྲིམས་ལུགས་ཀྱི་བརྡ་དོན་ཚུ་སྤེལ་ནི།
- རྫོང་ཁག་བདག་སྐྱོང་། ཡང་ན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ངོ་ཚབ་སྦེ་ ཞི་བའི་རྩོད་གཞི་གི་དོན་ལུ་ ཁྲིམས་གཏུག་འབད་ནི།
- དགོས་མཁོ་དང་འཁྲིལ་ ཞིབ་དཔྱད་སྡེབ་ཚན། ཡང་ན་ ཚོགས་ཆུང་གི་ཁྲིམས་དོན་གྲོས་དཔོན་ཅིག་འབད་ནི།
- ཁྲིམས་ལུགས་ཚུ་བསྡུ་སྒྲིག་འབད་ནི།
- ཁྲིམས་ལུགས་དང་འབྲེལ་བའི་གོ་བསྡུར་ཞལ་འཛོམས་དང་། གྲོས་ཚོགས། གྲོས་འཛོམས་ཚུ་ནང་ རྫོང་ཁག་བདག་སྐྱོང་གི་ངོ་ཚབ་སྦེ་བཅའ་མར་གཏོགས་ནི།
- བཙག་འཐུའི་རྩོད་བཤེར་ལས་ཚོགས་ཀྱི་འཐུས་མི་ཅིག་སྦེ་ བཙག་འཐུའི་ལཱ་འགན་འབག་ནི་དང་། འགོ་དཔོན་གྱིས་བཀོལ་བའི་གཞན་གཞུང་འབྲེལ་གྱི་ལཱ་འགན་ཚུ་ཡང་འབག་ནི།