རྫོང་ཁག་གི་སྐོར།

འཆར་སྣང༌།
ཡུན་བརྟན་གོང་འཕེལ་དང་ མི་སེར་དགའ་སྐྱིད་དང་སྟོབས་འབྱོར་ལྡན་པའི་རྫོང་ཁག།

དམིགས་སྐྱེད།
དགོས་མཁོ་དང་མཐུན་པའི་གོ་སྐབས་ཚུ་ནུས་ཤུགས་ཅན་དང་དོན་སྨིན་ཅན་གྱི་མི་མང་ཞབས་ཏོག་ཕུལ་ནི།
མི་སྡེ་དཔལ་འབྱོར་གྱི་དབང་ཆ་བྱིན་ནིའི་དོན་ལུ་ངེས་པར་དུ་མཁོ་བའི་སྤུས་ཚད་ཅན་གྱི་གཞི་རྟེན་མཐུན་རྐྱེན་གོང་འཕེལ་གཏང་ནི།
རང་བཞིན་ཐོན་སྐྱེད་ཚུ་ མི་རབས་བརྒྱུད་དེ་འདྲ་མཉམ་སྦེ་སྤྱོད་ཐབས་ལུ་ ཡུན་བརྟན་དང་འགན་ཁག་ཅན་སྦེ་སྤྱོད་ཐབས་ངེས་བརྟན་བཟོ་ནི།
འབྲུག་པའི་ངོ་རྟགས་དང་མི་སྡེའི་མཐུན་བསྒྲིགས་རྩ་བརྟན་བཟོ་ཐབས་ལུ་ དངོས་ཅན་དང་དངོས་མེད་ཀྱི་ལམ་སྲོལ་གྱི་སྲོལ་རྒྱུན་ཚུ་ཉམས་སྲུང་དང་ཁྱབ་སྤེལ་གཏང་ནི།