བརྡ་བརྒྱུད་འཕྲུལ་རིག་ལས་ཚན།

  • བརྡ་བརྒྱུད་འཕྲུལ་རིག་གི་ཞབས་ཏོག་འདི་ དོན་སྨིན་དང་ནུས་ཤུགས་ཅན་ཅིག་སྦེ་བཟོ་ནི།
  • བརྡ་བརྒྱུད་འཕྲུལ་རིག་དང་འབྲེལ་བ་མེད་པའི་ལས་གཡོགཔ་ཚུ་ལུ་སྦྱོང་བརྡར་བྱིན་ཏེ་ བརྡ་བརྒྱུད་འཕྲུལ་རིག་གི་གཞི་རྟེན་རིག་རྩལ་རྒྱ་སྐྱེད་གཏང་ནི།
  • རྫོང་ཁ་ལག་ལེན་འཐབ་མི་ཚུ་ལུ་ གུ་གཱལ་རིམ་ལུགས་ཀྱི་སྐོར་ལས་གོ་བརྡ་སྤྲོད་ནི།
  • མི་མང་ཞབས་ཏོག་མཁོ་སྤྲོད་འདི་ བརྡ་བརྒྱུད་འཕྲུལ་རིག་ཞབས་ཏོག་གི་གསར་བཏོད་ཀྱི་ཐོག་ལས་ ཡར་རྒྱས་གཏང་ནི།
  • མི་སྡེ་ལྟེ་བའི་འཕྲུལ་ཆས་ལག་ལེན་པ་དང་རྒེད་འོག་གི་ལས་བྱེདཔ་ཚུ་ལུ་ གཞི་རྟེན་ཡོངས་འབྲེལ་དང་ གློག་རིག་ལག་ལེན/སྐྱོན་སེལ་གྱི་སྦྱོང་བརྡར་བྱིན་ནི།
  • མི་སྡེ་ལྟེ་བའི་གློག་རིག་ཡོངས་འབྲེལ་ཚུ་མ་བཏུབ་ཐལ་བའི་སྐབས་ལུ་ཡང་ བལྟ་ནིའི་འགན་ཁུར་འདི་ རྫོང་ཁག་བརྡ་བརྒྱུད་འཕྲུལ་རིག་ལས་ཚན་ལུ་ཕོགཔ་ཨིན།
  • གློག་ཐོག་གཞུང་འབྲེལ་ཕན་ཚུན་ལག་ལེན་གཞི་བཀོད་ཀྱི་གནས་ཚད་ (e-GIF) དང་ ངེས་གཏན་མཐུནམ་སྦེ་བཟོ་ནི།