03 December 2018
དབང་འདུས་རྫོང་ཁག་ ས་གནས་གཞུང་གཉིས་པའི་ རྫོང་ཁག་ཚོགས་འདུ་ཐེངས་༥པ་འདི་སྤྱི་ཚེས་༣/༡༢/༢༠༡༨ལུ་ཚོགས་གནང་ཡི།
རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ སྤྱི་ཚོགས་ཀྱི་སྐུ་ཚབ་ རྒྱལ་ཡོངས་ཚོགས་འདུའི་ མི་རྗེ་ཚོགས་དཔོན་དང་ རྒྱལ་ཡོངས་ཚོགས་སྡེའི་མི་རྗེ་ཁྲི་འཛིན་ དེ་ལས་ཆེ་སྟོད་ཅན་གྱི་འཐུས་མི་ ཀུན་ལེགས་དབང་ཕྱུག་ཚུ་བྱོན་ཡོདཔ་ལས་ རྫོང་ཁག་ཚོགས་འདུ་དེ་ བརྗིད་ཉམས་ཀྱི་སྒོ་ལས་ གསུང་གྲོས་གནང་ཡོདཔ་དང་ ང་བཅས་རའི་སྤྱི་ནོར་དམ་པ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་ཚེས་ཞབས་པད་བརྟན་ཐབས་ལུ་དམིགས་ཏེ་ ཞབས་བརྟན་ཕུལ་ཏེ བཀྲིས་སྨོན་ལམ་དང་བཅས་མཇུག་བསྡུ་གནང་ཡོད།