ཨ་དྭ་རུས་ཁ།

དབང་འདུས་རྫོང་ཁག་གི་མངའ་འོག་ལུ་ཡོད་པའི་ ཨ་ཐང་དང་རུ་ཁའི་གཡུས་ཚན་འདི་ འབྲུག་པའི་མི་སེར་སོ་ནམ་པ་ཚུ་གི་འཚོ་བའི་གནས་སྟངས་ཀྱི་སྐོར་ལས་ཧ་གོ་ཚུགས་པའི་ས་གོ་ཅིག་ཨིན། ས་གནས་དེ་ཁར་ལྟ་སྐོར་ནང་འགྱོ་བའི་སྐབས་ སྒར་བཅགས་སྟེ་སྡོད་ནི་གི་འོས་འབབ་ཡོད་རུང་ རང་གི་ལམ་སྟོན་པ་ལུ་སླབ་སྟེ་ གཡུས་གོ་དེ་ཁའི་ལྟ་སྐོར་གནས་ཁྱིམ་གཅིག་གི་ནང་ལུ་སྡོད་བཅུག་ནི་ལུ་ངོ་སྦྱོར་འབདཝ་ཨིན། དེ་ཁར་ ཁོང་སོ་ནམ་པ་ཚུ་གིས་ དགའ་བསུ་དང་བཅསཔ་སྦེ་ཁོང་རའི་ཁྱིམ་ནང་འབྱོན་ཞུ་འབད་དེ་ མཚོ་སྨནམོ་དང་དང་ཕུའི་རྒྱལཔོ་ཚུ་གི་གཏམ་རྒྱུད་ཚུ་བཤད་དེ་མགྲོན་སྐྱོང་འབད་བའི་སྲོལ་ཡོད། ཨིན་རུང་ གནམ་བྱཱར་གྱི་སྐབས་ལུ་ ས་གནས་དེ་ཁར་ པདཔ་དང་། ཅབ་ཕྱེ། གཟན་དོམ་ཚུ་ཁྱབ་ཆེ་དྲགས་སྦེ་ཡོདཔ་ལས་ ལྟ་སྐོར་གྱི་ལས་རིམ་ཚུ་བསྒྲིགས་པ་ཅིན་ གནམ་སེར་ཁ་ལུ་ ལེགས་ཤོམ་ཡོདཔ་ཨིན།